Nettle-Reading Aloud

keep handy: …trim_C2_Unit_02.mp3
(the 9 Units in C1 are included in C2)

c2- all 10 Units

ori

༡་༽ རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་དེ་ཉིད། སྙ་ནང་གྲོད་པ་ཕུག་ན་བཞུགས་པའི་ཚེ་རས་ཆུང་པས་སྐྱེ་འགྲོ་མཐའ་དག་སྨིན་གྲོལ་ལ་བགོད་པར་བྱ་བའི་ཕྱིར་ཁྱེད་རང་གི་མཛད་རྣམ་གསུང་དུ་གསོལ་ཞེས་གསོལ་བ་བཏབ་པས། རྗེ་བཙུན་གྱིས་ཁོ་བོའི་ཆ་རྒྱུས་ཁྱོད་ཆེ་ནའང་། འདྲི་ན་ལན་བཏབ་པར་བྱ་སྟེ། ངའི་རུས་ཁྱུང་ངོ་། རིགས་ཇོ་སྲས། ང་རང་མི་ལ་རས་པ། དང་པོ་ནི་ལས་ནག་པོ་ཡང་བྱས། བར་དུ་དཀར་པོ་ཡང་བྱས། ད་ལྟ་ལས་དཀར་ནག་གཉིས་ཀ་དང་བྲལ། དེ་རྣམས་རྒྱས་པར་བཤད་ན། ལ་ལ་ནི་ངུ་བྲོ་ལ་ལ་ནི་དགོད་བྲོ་བའི་རྒྱུ་མཚན་མང་པོ་ཡོད། བཤད་རུང་དོན་ཆུང་གསུངས།

༢་༽ རས་ཆུང་བས་རྗེ་བཙུན་ལགས། དང་པོ་ལས་ནག་པོ་མཛད་གསུང་པ་ཅི་ལྟ་བུ་ཞིག་མཛད་ཞུས་པས། མཐུ་དང་སེར་བས་སྡིག་པ་བསགས་པ་ཡིན་གསུང་། རྗེ་བཙུན་མཐུ་དང་སེར་བ་སློབ་པའི་རྐྱེན་ཅི་ལྟ་བུ་ཞིག་བྱུང་ཞུས་པས། ང་ཀློག་སློབ་དུས་རྩའི་མདའ་རུ། ཆང་ས་ཆེན་པོ་ཅིག་བྱུང་བ་དེའི་གྲལ་དབུ་ལ་སློབ་དཔོན་སྤྱན་དྲངས་པའི་ཕྱགས་ཕྱི་ལ་ངས་ཀྱང་ཕྱིན། དེར་ཆང་མང་བ་བཏུངས་པས་ཟི་བེར་སོང་ཡོད་པ་ལ། དེའི་ཉིན་གླུ་ལེན་མཁན་རྣམས་ལ་སེམས་འཕྲོས་ནས་གླུ་ལེན་སྙིང་འདོད་པ་ཅིག་བྱུང་བ་དང་།

༣་༽ རྣལ་འབྱོར་པ་དེ་ངའི་སར་བྱུང་སྟེ་ཡི་གེ་སྤྲད་པ་ཟུར་ཅིག་ཏུ་བཀླགས་པས། ཐོས་པ་དགའ་ཁམས་བཟང་བར་ཡོད་ལས་ཆེ། མ་རྒན་མོ་ལ་བུ་སྐྱེས་པས་བསམས་པ་གྲུབ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་གདུང་རབས་ཟིན། ཡུལ་དུ་མཐུའི་རྟགས་ཐོན། མི་སུམ་ཅུ་སོ་ལྔ་ཁང་པ་གཏིབས་པའི་འོག་ཏུ་ཤི། དེའི་ཕྱིར་ཡུལ་པ་འདི་པས་ངེད་མ་མད་ལ་གཤའ་མ་རང་མ་བྱས་པས། ད་དུང་སེར་བ་གྱང་རིམ་དགུ་ཡོད་ཟེར་བ་ཅིག་ཕོབ། དེས་མ་རྒན་མོའི་བསམ་པ་མཐར་ཕྱིན་པ་ཡིན།

༤་༽ རས་ཆུང་པས། བླ་མ་ལགས། ལས་དཀར་པོ་མཛད་གསུང་བ་དམ་པའི་ཆོས་ལས་འོས་མེད་པས། རྗེ་བཙུན་ཆོས་དང་མཇལ་བའི་རྐྱེན་ཇི་ལྟ་བུ་ཞིག་བྱུང་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་མཐུ་དང་སེར་བའི་སྡིག་ལ་འགྱོད་ནས། ཆོས་དྲན་དྲགས་ཉིན་ཟས་མི་དྲན། མཚན་གཉིད་དུ་མི་འགྲོ་བའི་སྐྱོ་ཤས་དང་ངེས་འབྱུང་ཡོད་རུང་ཆོས་ལ་འགྲོ་ཟེར་ནི་མ་ནུས་པའི་དུས་སུ་བླ་མས་ཡང་ན་ཁྱོད་ཀྱིས་ངའི་བུ་སློབ་རྣམས་སྐྱོངས། ངས་ཁྱོད་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་པ་ཅིག་བྱའོ། ཡང་ན་ཁྱོད་རང་ཆོས་གྱིས་ལ་ང་ཡང་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་པ་ཅིག་གྱིས། ངས་མཐུན་རྐྱེན་རྣམས་སྦྱང་གིས་གསུང་བས། ངའི་འདོད་པ་གྲུབ་སྟེ་བདག་གིས་ཆོས་བྱེད་པར་ཞུ་ཞུས་པས། འོ་ན་ཁྱོད་ལོ་ཡང་གཞོན། སྙིང་རུས་ཡང་ཆེ་རབ་གཅིག་འདུག་པས། ཆོས་རྣམ་དག་རང་ཅིག་གྱིས་ཤིག་གསུང་།

༥་༽ དེ་དུས་མེ་སྟོན་ཚོན་པོ་བདེ་མཆོག་གི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱིས་ད་ལན་ཁྱོད་རང་ཡང་དབང་ཅིག་ཀྱང་ཐོབ་པ་བྱེད་གསུང་། ཕྱག་བཙལ་ནས་དབང་གྲལ་ལ་བསྡད་པས། བླ་མའི་ཞལ་ནས། མཐུ་ཆེན་ཁྱོད་ལ་དབང་ཡོན་ཅི་ཡོད་གསུང་། བླ་མའི་སྲས་མཁར་གྱི་ཞབས་ཏོག་བསྒྲུབས་པས། དབང་དང་གདམས་པ་གནང་བའི་ཞལ་བཞེས་ཡོད་པ་དེས་གནང་དུ་རེ་བསྡད་པ་ལགས་ཞུས་པས། བླ་མའི་ཞལ་ནས། དབང་ཡོན་ཡོད་ན་ཁྱེར་ཤོག དེ་མན་གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་གསུང་། འགྲམ་ལྕག་བརྒྱབ། སྐྲ་ནས་བཟུང་ཕྱིར་བཏོན་པས། ད་ལྟ་རང་ཤི་ན་དགའ་བ་ལ་བསམ་མཚན་ཐོག་ཐག་ངུ་ཞིང་བསྡད། ནངས་པར་བླ་མ་རང་བྱོན་ནས། མཐུ་ཆེན་མཁར་གྱི་རྩིག་འཕྲོ་ཞོག་ན་དབང་དང་གདམས་ངག་སྟེར་གསུང་།

༦་༽ ཡང་རྔོག་སྟོན་ཆོས་རྡོར་འཁོར་དང་བཅས་པ་དགྱེས་པ་རྡོ་རྗེའི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱི་ཞལ་ནས། ད་ལན་འབུལ་བ་ཕུལ་ཏེ། དབང་ཐོབ་པ་ཅིག་བྱེད་གསུང་། ཡུམ་རང་གི་ཕག་ནོར་གྱི་གཡུ་དྲུག་དམར་ཆེ་ལ་ལེགས་པ་ཅིག་གནང་བ་དེ་ཕུལ་ནས། ད་ལན་གྱི་དབང་འདི་བདག་ལའང་ཅིས་ཀྱང་གནང་བར་ཞུ་ཞུས་ཏེ། དབང་གྲལ་ལ་བསྡད་པས། གཡུ་གཟིགས་ནས། མཐུ་ཆེན་ལ་འདི་གང་ནས་བྱུང་གསུང་། བདག་ལ་ཡུམ་གྱིས་གནང་བ་ལགས་ཞུས་པས། ཞལ་འཛུམ་མཛད་ཏེ། བདག་མེད་མ་བོས་ཤོག་གསུང་། ཡུམ་སྤྱན་དྲངས་པས། བདག་མེད་མ་འོ་སྐོལ་ལ་གཡུ་འདི་གང་ནས་བྱུང་གསུང་བ་ལ།

༧་༽ མར་པས་བླ་མ་རྔོག་པ་ལ་ཁྱོད་ཐོས་པ་དགའ་ཟེར་བའི་མི་ངན་འདི་ལ་དབང་བསྐུར་ནས་གདམས་ངག་ཤོད་པའི་རྒྱུ་མཚན་ཅི་ཡིན་གསུང་པས། བླ་མ་རྔོག་པ་ཐུགས་སྐྲག་སྟེ། ཕྱག་འབུལ་བའི་ངང་ནས། བླ་མ་རིན་པོ་ཆེ་བདག་ལ་བླ་མ་རང་གིས་མཐུ་ཆེན་ལ་དབང་བསྐུར་གདམས་ངག་སྟོན་གསུང་བའི་ཕྱག་རྟགས། ནཱ་རོའི་སྐུ་རྒྱན། ཐུགས་དམ་པདྨ་རཱ་ག་རྟེན་དང་བཅས་པ་གནང་བྱུང་བས་བཀའ་བསྒྲུབས་པ་ལགས་ཞུས་པས། ཐུགས་ཁྲོས་པའི་ཕྱག་འཛུབ་ང་ལ་གཏད་ཏེ། ཁྱོད་ལ་དེ་ཀུན་གང་ནས་བྱུང་གསུང་བས། ང་ནི་སྙིང་ཐོན་འགྲོ་བ་ལྟ་བུའི་སྡུག་བསྔལ་དང་། འཇིགས་སྐྲག་སྐད་མི་ཐོན་བ་ལྟ་བུ་བྱུང་སྟེ། འདར་བའི་སྐད་ཀྱིས་བདག་ལ་ཡུམ་གྱིས་གནང་བ་ལགས་ཞུས་པས།

༨་༽ བླ་མའི་ཞལ་ནས། ཁྱོད་ཡུལ་དུ་ཕྱིན་རུང་ཨ་མ་དང་ཕྲད་པ་དཀའ། གཞན་རྣམས་ཐད་ཀར་ཨེ་ཡོང་མི་ཤེས། ད་འགྲོ་ན་གཏོང་བ་ལས་འོས་མི་འདུག་པས། བདག་མེད་མ་མཆོད་པ་བཟང་པོ་ཞིག་ཤོམས་ཤིག་གསུངས་ནས། མཁའ་འགྲོ་སྙན་བརྒྱུད་ཀྱི་སྨིན་ལམ་བརྡའི་དབང་དང་། གྲོལ་ལམ་གྱི་གདམས་ངག་གཞན་ལ་མ་གྲགས་པའི་ཆིག་བརྒྱུད་རྣམས་རྫོགས་པར་གནང་ནས། གདམས་ངག་འདི་རྣམས་ང་ལ་ཇོ་བོ་ནཱ་རོ་པས་ཁྱོད་རང་ལ་སྟེར་དགོས་པའི་ལུང་བསྟན་ཡོད་པས་བྱིན་པ་ཡིན། ཁྱོད་ཀྱིས་ཀྱང་མཁའ་འགྲོས་ལུང་བསྟན་པའི་སློབ་མ་ཐོག་མར་གང་བྱུང་བ་གཅིག་ལ་བྱིན་ཅིག སྐལ་ལྡན་གྱི་སློབ་མ་བྱུང་ན་ཟང་ཟིང་གི་འབུལ་བ་མེད་རུང་དབང་དང་གདམས་ངག་གིས་རྗེས་སུ་བཟུང་ལ་བསྟན་པ་སྤེལ་ཅིག

༩་༽ དེ་ནས་ང་བྲག་དཀར་ཏ་སོ་ལ་སྒོམ་དུ་འགྲོ་དགོས་སྙམ་ཡོད་པའི་ཚེ། ཨ་ནེས་ནས་ཁལ་གསུམ་གྱི་ཕྱེ། ཐུལ་གོག་གཅིག རས་བཟང་པོ་གོས་ལྡང་གཅིག མར་ཚིལ་འདྲེས་པའི་ཆུ་སྡོར་རྣམས་ཁྱེར་བྱུང་སྟེ། འདི་རྣམས་ཚ་པོའི་ཞིང་བཙོངས་པའི་རིན་ཡིན་པས་ཁྱེར་ལ་ངའི་མིག་གིས་མི་མཐོང་། རྣ་བས་མི་ཐོས་པའི་ཡུལ་ཕྱོགས་ཤིག་ཏུ་འགྲོ་རོགས་གྱིས། དེ་མིན་ཡུལ་མི་ཀུན་གྱིས་ཚ་བོ་རང་གསོད་མི་གསོད་ལ་ཐེ་ཚོམ་མི་འདུག་ཟེར་བྱུང་བས། ངའི་བསམ་པ་ལ། སངས་རྒྱས་ཐོབ་པའི་ཐབས་ལ་བཟོད་པ་མཆོག་ཏུ་གསུངས་པ་ཡིན། དེ་སྒོམ་པའི་རྟེན་ཨ་ནེ་ཡིན་ཞིང་། དམ་པའི་ཆོས་དང་མཇལ་བ་ཡང་ཨ་ཁུ་དང་ཨ་ནེའི་དྲིན་ཡིན། བཀའ་དྲིན་ཤིན་དུ་ཆེ་བས་དྲིན་ལན་དུ་ཕྱི་མ་སངས་རྒྱས་ཐོབ་པའི་སྨོན་ལམ་རྟག་ཏུ་འདེབས། ཚེ་འདིར་ཞིང་དུ་མ་ཟད་ཁང་བ་ཡང་བྱིན་པས་ཆོག་སྙམ།

༡༠་༽ དགེ་བཤེས་རྩག་ཕུ་པ་བྱ་བ་རྗེ་བཙུན་ལ་འཕྲལ་གུས་གུས་ལྟར་བྱེད་ཅིང་། ཕུགས་ཕྲག་དོག་བྱེད་མཁན་ཞིག་ཡོད། ཆང་ས་ཆེན་པོ་ཞིག་གི་སར་རྗེ་བཙུན་ལ་ཕྱག་ཕུལ་ནས་མི་མང་པོ་ཚོགས་སར་ཕྱག་ལན་ཞིག་གནང་དུ་རེ་བ་ལས། རྗེ་བཙུན་སྔར་ནས་བླ་མ་མ་གཏོགས། སུ་གང་ལའང་ཕྱག་དང་ཕྱག་ལན་མི་མཛད་པས། སྔར་ལུགས་ལྟར་ཕྱག་ལན་མ་མཛད་པས། ཁོའི་བསམ་པ་ལ། ང་ཡོན་ཏན་འདི་ཀ་ཙམ་ཤེས་པ་ཞིག་གིས། ཁོ་ཅི་ཡང་མི་ཤེས་པའི་བླུན་པོ་ཞིག་ལ་ཕྱག་འཚལ་བས་ལན་མི་བྱེད་ན། སྨ་ཕབ་རེས་ཅིག་བྱའོ་སྙམ་ནས། ཚད་མའི་གཞུང་ཅིག་བཏོན་ནས། འདི་ལ་བདག་གི་དོགས་པ་སེལ་བའི་འབྲུ་ནོན་དང་། འཕྲོས་ལུགས་ཀྱི་གླེང་མོ་ཞིག་མཛོད་དང་ཟེར་བྱུང་བས།

======================

c2u01

ori

རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་དེ་ཉིད། སྙ་ནང་གྲོད་པ་ཕུག་ན་བཞུགས་པའི་ཚེ་རས་ཆུང་པས་སྐྱེ་འགྲོ་མཐའ་དག་སྨིན་གྲོལ་ལ་བགོད་པར་བྱ་བའི་ཕྱིར་ཁྱེད་རང་གི་མཛད་རྣམ་གསུང་དུ་གསོལ་ཞེས་གསོལ་བ་བཏབ་པས། རྗེ་བཙུན་གྱིས་ཁོ་བོའི་ཆ་རྒྱུས་ཁྱོད་ཆེ་ནའང་། འདྲི་ན་ལན་བཏབ་པར་བྱ་སྟེ། ངའི་རུས་ཁྱུང་ངོ་། རིགས་ཇོ་སྲས། ང་རང་མི་ལ་རས་པ། དང་པོ་ནི་ལས་ནག་པོ་ཡང་བྱས། བར་དུ་དཀར་པོ་ཡང་བྱས། ད་ལྟ་ལས་དཀར་ནག་གཉིས་ཀ་དང་བྲལ། དེ་རྣམས་རྒྱས་པར་བཤད་ན། ལ་ལ་ནི་ངུ་བྲོ་ལ་ལ་ནི་དགོད་བྲོ་བའི་རྒྱུ་མཚན་མང་པོ་ཡོད། བཤད་རུང་དོན་ཆུང་གསུངས།

c2u02

ori

རས་ཆུང་བས་རྗེ་བཙུན་ལགས། དང་པོ་ལས་ནག་པོ་མཛད་གསུང་པ་ཅི་ལྟ་བུ་ཞིག་མཛད་ཞུས་པས། མཐུ་དང་སེར་བས་སྡིག་པ་བསགས་པ་ཡིན་གསུང་། རྗེ་བཙུན་མཐུ་དང་སེར་བ་སློབ་པའི་རྐྱེན་ཅི་ལྟ་བུ་ཞིག་བྱུང་ཞུས་པས། ང་ཀློག་སློབ་དུས་རྩའི་མདའ་རུ། ཆང་ས་ཆེན་པོ་ཅིག་བྱུང་བ་དེའི་གྲལ་དབུ་ལ་སློབ་དཔོན་སྤྱན་དྲངས་པའི་ཕྱགས་ཕྱི་ལ་ངས་ཀྱང་ཕྱིན། དེར་ཆང་མང་བ་བཏུངས་པས་ཟི་བེར་སོང་ཡོད་པ་ལ། དེའི་ཉིན་གླུ་ལེན་མཁན་རྣམས་ལ་སེམས་འཕྲོས་ནས་གླུ་ལེན་སྙིང་འདོད་པ་ཅིག་བྱུང་བ་དང་།

c2u03

ori

རྣལ་འབྱོར་པ་དེ་ངའི་སར་བྱུང་སྟེ་ཡི་གེ་སྤྲད་པ་ཟུར་ཅིག་ཏུ་བཀླགས་པས། ཐོས་པ་དགའ་ཁམས་བཟང་བར་ཡོད་ལས་ཆེ། མ་རྒན་མོ་ལ་བུ་སྐྱེས་པས་བསམས་པ་གྲུབ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་གདུང་རབས་ཟིན། ཡུལ་དུ་མཐུའི་རྟགས་ཐོན། མི་སུམ་ཅུ་སོ་ལྔ་ཁང་པ་གཏིབས་པའི་འོག་ཏུ་ཤི། དེའི་ཕྱིར་ཡུལ་པ་འདི་པས་ངེད་མ་མད་ལ་གཤའ་མ་རང་མ་བྱས་པས། ད་དུང་སེར་བ་གྱང་རིམ་དགུ་ཡོད་ཟེར་བ་ཅིག་ཕོབ། དེས་མ་རྒན་མོའི་བསམ་པ་མཐར་ཕྱིན་པ་ཡིན།

c2u04

ori

རས་ཆུང་པས། བླ་མ་ལགས། ལས་དཀར་པོ་མཛད་གསུང་བ་དམ་པའི་ཆོས་ལས་འོས་མེད་པས། རྗེ་བཙུན་ཆོས་དང་མཇལ་བའི་རྐྱེན་ཇི་ལྟ་བུ་ཞིག་བྱུང་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་མཐུ་དང་སེར་བའི་སྡིག་ལ་འགྱོད་ནས། ཆོས་དྲན་དྲགས་ཉིན་ཟས་མི་དྲན། མཚན་གཉིད་དུ་མི་འགྲོ་བའི་སྐྱོ་ཤས་དང་ངེས་འབྱུང་ཡོད་རུང་ཆོས་ལ་འགྲོ་ཟེར་ནི་མ་ནུས་པའི་དུས་སུ་བླ་མས་ཡང་ན་ཁྱོད་ཀྱིས་ངའི་བུ་སློབ་རྣམས་སྐྱོངས། ངས་ཁྱོད་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་པ་ཅིག་བྱའོ། ཡང་ན་ཁྱོད་རང་ཆོས་གྱིས་ལ་ང་ཡང་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་པ་ཅིག་གྱིས། ངས་མཐུན་རྐྱེན་རྣམས་སྦྱང་གིས་གསུང་བས། ངའི་འདོད་པ་གྲུབ་སྟེ་བདག་གིས་ཆོས་བྱེད་པར་ཞུ་ཞུས་པས། འོ་ན་ཁྱོད་ལོ་ཡང་གཞོན། སྙིང་རུས་ཡང་ཆེ་རབ་གཅིག་འདུག་པས། ཆོས་རྣམ་དག་རང་ཅིག་གྱིས་ཤིག་གསུང་།

c2u05

ori

དེ་དུས་མེ་སྟོན་ཚོན་པོ་བདེ་མཆོག་གི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱིས་ད་ལན་ཁྱོད་རང་ཡང་དབང་ཅིག་ཀྱང་ཐོབ་པ་བྱེད་གསུང་། ཕྱག་བཙལ་ནས་དབང་གྲལ་ལ་བསྡད་པས། བླ་མའི་ཞལ་ནས། མཐུ་ཆེན་ཁྱོད་ལ་དབང་ཡོན་ཅི་ཡོད་གསུང་། བླ་མའི་སྲས་མཁར་གྱི་ཞབས་ཏོག་བསྒྲུབས་པས། དབང་དང་གདམས་པ་གནང་བའི་ཞལ་བཞེས་ཡོད་པ་དེས་གནང་དུ་རེ་བསྡད་པ་ལགས་ཞུས་པས། བླ་མའི་ཞལ་ནས། དབང་ཡོན་ཡོད་ན་ཁྱེར་ཤོག དེ་མན་གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་གསུང་། འགྲམ་ལྕག་བརྒྱབ། སྐྲ་ནས་བཟུང་ཕྱིར་བཏོན་པས། ད་ལྟ་རང་ཤི་ན་དགའ་བ་ལ་བསམ་མཚན་ཐོག་ཐག་ངུ་ཞིང་བསྡད། ནངས་པར་བླ་མ་རང་བྱོན་ནས། མཐུ་ཆེན་མཁར་གྱི་རྩིག་འཕྲོ་ཞོག་ན་དབང་དང་གདམས་ངག་སྟེར་གསུང་།

c2u06

ori

ཡང་རྔོག་སྟོན་ཆོས་རྡོར་འཁོར་དང་བཅས་པ་དགྱེས་པ་རྡོ་རྗེའི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱི་ཞལ་ནས། ད་ལན་འབུལ་བ་ཕུལ་ཏེ། དབང་ཐོབ་པ་ཅིག་བྱེད་གསུང་། ཡུམ་རང་གི་ཕག་ནོར་གྱི་གཡུ་དྲུག་དམར་ཆེ་ལ་ལེགས་པ་ཅིག་གནང་བ་དེ་ཕུལ་ནས། ད་ལན་གྱི་དབང་འདི་བདག་ལའང་ཅིས་ཀྱང་གནང་བར་ཞུ་ཞུས་ཏེ། དབང་གྲལ་ལ་བསྡད་པས། གཡུ་གཟིགས་ནས། མཐུ་ཆེན་ལ་འདི་གང་ནས་བྱུང་གསུང་། བདག་ལ་ཡུམ་གྱིས་གནང་བ་ལགས་ཞུས་པས། ཞལ་འཛུམ་མཛད་ཏེ། བདག་མེད་མ་བོས་ཤོག་གསུང་། ཡུམ་སྤྱན་དྲངས་པས། བདག་མེད་མ་འོ་སྐོལ་ལ་གཡུ་འདི་གང་ནས་བྱུང་གསུང་བ་ལ།

c2u07

ori

མར་པས་བླ་མ་རྔོག་པ་ལ་ཁྱོད་ཐོས་པ་དགའ་ཟེར་བའི་མི་ངན་འདི་ལ་དབང་བསྐུར་ནས་གདམས་ངག་ཤོད་པའི་རྒྱུ་མཚན་ཅི་ཡིན་གསུང་པས། བླ་མ་རྔོག་པ་ཐུགས་སྐྲག་སྟེ། ཕྱག་འབུལ་བའི་ངང་ནས། བླ་མ་རིན་པོ་ཆེ་བདག་ལ་བླ་མ་རང་གིས་མཐུ་ཆེན་ལ་དབང་བསྐུར་གདམས་ངག་སྟོན་གསུང་བའི་ཕྱག་རྟགས། ནཱ་རོའི་སྐུ་རྒྱན། ཐུགས་དམ་པདྨ་རཱ་ག་རྟེན་དང་བཅས་པ་གནང་བྱུང་བས་བཀའ་བསྒྲུབས་པ་ལགས་ཞུས་པས། ཐུགས་ཁྲོས་པའི་ཕྱག་འཛུབ་ང་ལ་གཏད་ཏེ། ཁྱོད་ལ་དེ་ཀུན་གང་ནས་བྱུང་གསུང་བས། ང་ནི་སྙིང་ཐོན་འགྲོ་བ་ལྟ་བུའི་སྡུག་བསྔལ་དང་། འཇིགས་སྐྲག་སྐད་མི་ཐོན་བ་ལྟ་བུ་བྱུང་སྟེ། འདར་བའི་སྐད་ཀྱིས་བདག་ལ་ཡུམ་གྱིས་གནང་བ་ལགས་ཞུས་པས།

c2u08

ori

བླ་མའི་ཞལ་ནས། ཁྱོད་ཡུལ་དུ་ཕྱིན་རུང་ཨ་མ་དང་ཕྲད་པ་དཀའ། གཞན་རྣམས་ཐད་ཀར་ཨེ་ཡོང་མི་ཤེས། ད་འགྲོ་ན་གཏོང་བ་ལས་འོས་མི་འདུག་པས། བདག་མེད་མ་མཆོད་པ་བཟང་པོ་ཞིག་ཤོམས་ཤིག་གསུངས་ནས། མཁའ་འགྲོ་སྙན་བརྒྱུད་ཀྱི་སྨིན་ལམ་བརྡའི་དབང་དང་། གྲོལ་ལམ་གྱི་གདམས་ངག་གཞན་ལ་མ་གྲགས་པའི་ཆིག་བརྒྱུད་རྣམས་རྫོགས་པར་གནང་ནས། གདམས་ངག་འདི་རྣམས་ང་ལ་ཇོ་བོ་ནཱ་རོ་པས་ཁྱོད་རང་ལ་སྟེར་དགོས་པའི་ལུང་བསྟན་ཡོད་པས་བྱིན་པ་ཡིན། ཁྱོད་ཀྱིས་ཀྱང་མཁའ་འགྲོས་ལུང་བསྟན་པའི་སློབ་མ་ཐོག་མར་གང་བྱུང་བ་གཅིག་ལ་བྱིན་ཅིག སྐལ་ལྡན་གྱི་སློབ་མ་བྱུང་ན་ཟང་ཟིང་གི་འབུལ་བ་མེད་རུང་དབང་དང་གདམས་ངག་གིས་རྗེས་སུ་བཟུང་ལ་བསྟན་པ་སྤེལ་ཅིག

c2u09

ori

དེ་ནས་ང་བྲག་དཀར་ཏ་སོ་ལ་སྒོམ་དུ་འགྲོ་དགོས་སྙམ་ཡོད་པའི་ཚེ། ཨ་ནེས་ནས་ཁལ་གསུམ་གྱི་ཕྱེ། ཐུལ་གོག་གཅིག རས་བཟང་པོ་གོས་ལྡང་གཅིག མར་ཚིལ་འདྲེས་པའི་ཆུ་སྡོར་རྣམས་ཁྱེར་བྱུང་སྟེ། འདི་རྣམས་ཚ་པོའི་ཞིང་བཙོངས་པའི་རིན་ཡིན་པས་ཁྱེར་ལ་ངའི་མིག་གིས་མི་མཐོང་། རྣ་བས་མི་ཐོས་པའི་ཡུལ་ཕྱོགས་ཤིག་ཏུ་འགྲོ་རོགས་གྱིས། དེ་མིན་ཡུལ་མི་ཀུན་གྱིས་ཚ་བོ་རང་གསོད་མི་གསོད་ལ་ཐེ་ཚོམ་མི་འདུག་ཟེར་བྱུང་བས། ངའི་བསམ་པ་ལ། སངས་རྒྱས་ཐོབ་པའི་ཐབས་ལ་བཟོད་པ་མཆོག་ཏུ་གསུངས་པ་ཡིན། དེ་སྒོམ་པའི་རྟེན་ཨ་ནེ་ཡིན་ཞིང་། དམ་པའི་ཆོས་དང་མཇལ་བ་ཡང་ཨ་ཁུ་དང་ཨ་ནེའི་དྲིན་ཡིན། བཀའ་དྲིན་ཤིན་དུ་ཆེ་བས་དྲིན་ལན་དུ་ཕྱི་མ་སངས་རྒྱས་ཐོབ་པའི་སྨོན་ལམ་རྟག་ཏུ་འདེབས། ཚེ་འདིར་ཞིང་དུ་མ་ཟད་ཁང་བ་ཡང་བྱིན་པས་ཆོག་སྙམ།

c2u10

ori

དགེ་བཤེས་རྩག་ཕུ་པ་བྱ་བ་རྗེ་བཙུན་ལ་འཕྲལ་གུས་གུས་ལྟར་བྱེད་ཅིང་། ཕུགས་ཕྲག་དོག་བྱེད་མཁན་ཞིག་ཡོད། ཆང་ས་ཆེན་པོ་ཞིག་གི་སར་རྗེ་བཙུན་ལ་ཕྱག་ཕུལ་ནས་མི་མང་པོ་ཚོགས་སར་ཕྱག་ལན་ཞིག་གནང་དུ་རེ་བ་ལས། རྗེ་བཙུན་སྔར་ནས་བླ་མ་མ་གཏོགས། སུ་གང་ལའང་ཕྱག་དང་ཕྱག་ལན་མི་མཛད་པས། སྔར་ལུགས་ལྟར་ཕྱག་ལན་མ་མཛད་པས། ཁོའི་བསམ་པ་ལ། ང་ཡོན་ཏན་འདི་ཀ་ཙམ་ཤེས་པ་ཞིག་གིས། ཁོ་ཅི་ཡང་མི་ཤེས་པའི་བླུན་པོ་ཞིག་ལ་ཕྱག་འཚལ་བས་ལན་མི་བྱེད་ན། སྨ་ཕབ་རེས་ཅིག་བྱའོ་སྙམ་ནས། ཚད་མའི་གཞུང་ཅིག་བཏོན་ནས། འདི་ལ་བདག་གི་དོགས་པ་སེལ་བའི་འབྲུ་ནོན་དང་། འཕྲོས་ལུགས་ཀྱི་གླེང་མོ་ཞིག་མཛོད་དང་ཟེར་བྱུང་བས།

image_pdf